mercredi 30 juin 2010

བོད་རྒྱ་མཛའ་མཐུན།
སྟོད་ན་གངས་རི་དཀར་པོའི་དབུ་འཕངས་མཐོ།།
སྨད་ན་མཚོ་མོ་རང་འཁྱིལ་འཕེལ་ཁ་རྒྱས།།
གངས་རི་དཀར་པོ་གཡུ་འབྲུག་འཁྱུག་ས་ཡིན།།
མཚོ་མོ་རང་འཁྱིལ་རྨ་སྒྲོ་ཕུག་ས་རེད།།
གངས་དང་མཚོ་མོ་འདྲ་བའི་བོད་རྒྱ་གཉིས།།
རྨ་འབྲུག་སེམས་པ་ལྟ་བའི་མཛའ་མཐུན་ཤོག །

སྟོད་ན་པོ་ཏ་ལ་ཡི་གཟི་བྱིན་འབར།།
སྨད་ན་ལྕགས་རི་རིང་པོ་མཚན་སྙན་ཆེ།།
ཕོ་བྲང་དམར་པོ་བཙན་པོའི་བླ་མཁར་ཡིན།།
ལྕགས་རི་རིང་པོ་གོང་མའི་རྗེས་ཤུལ་རེད།།
བཙན་པོ་བོད་དང་གོང་མའི་རུས་རྒྱུད་གཉིས།།
རང་རང་ཡུལ་ནས་རང་དབང་ལོངས་སྤྱོད་ཤོག །

Aucun commentaire:

Enregistrer un commentaire